寺院简介 |
寺院动态 |
卡科寺,全称为“卡科贡土旦谢智排吉朗林”,意为“卡科寺佛教讲修法兴洲”。属藏传佛教宁玛派寺院。位于玛多县花石峡镇东泽村向西3公里处,离县城83公里。 公元1930年,由多热喇嘛创建。公元1984年,由唐热活佛扩建。寺院历史上有活佛5名,僧人120余名,现有驻寺活佛2名,僧人112名,寺主活佛为旦闹。主要香火庄分布日谢村、措柔村、东泽村等地,信教群众约3000人。
寺院总占地面积8.22万平方米,建筑面积4580平方米。主要佛殿有大经堂、狮龙虎顶殿等。主要文物有莲花大师佛像、多热喇嘛法衣等。 主要传统法会有藏历5月普贤行原品经会、藏历6月格萨尔藏戏、藏历6月夏安居、藏历10月观音心咒一百天法会、藏历10月极乐世界心咒法会等。 2016年2月,全州藏传佛教“和谐寺院”荣誉称号;2021年10月,全省创建藏传佛教“和谐·绿色·美丽·健康”寺庙活动荣誉称号等。
དགོན་པའི་ངོ་སྤྲོད་མདོར་བསྡུས་ |
དགོན་པའི་རྣམ་པ་ |
༄༅།། རྒྱ་བྱིན་ཚངས་དབང་གཙུག་ན་མངོན་མཐོ་ཞིང་།།
དུས་གསུམ་བདེ་གཤེགས་ཐུགས་ཀྱི་དྭངས་མའི་སྐུ།།
ཕན་བདེ་འབྱུང་གནས་བསྟན་པ་གང་གཱའི་རྒྱུན།།
ཡོངས་ལ་འདྲེན་མཛད་སྟོན་པ་མཆོག་ལ་འདུད།།

ལི་ཁྲིའི་མདངས་འཛིན་འཕོ་མེད་ཤེས་བྱའི་མཛོད།།
སྔོ་བསངས་རལ་གྲིའི་སོ་ཁ་གཡོ་བའི་འཕྲུལ།།
ཀུན་རྨོངས་མུན་པའི་གྲོང་ལ་བསྒྱུར་བ་ཡི།།
གཞོན་ནུ་སྨྲ་བའི་ཉི་མ་སྤྱི་བོས་བཀུར།།

གངས་ལྗོངས་ཆོས་ཀྱི་རྒྱ་ཕིབས་སེར་པོའི་ལྗིད།།
ལོ་ཟླའི་དར་རྒུད་མཚམས་ནས་བཏེགས་པ་ཡི།།
མཁས་གྲུབ་ནོར་བུའི་ཕྲེང་བ་བསྟར་འདྲ་བའི།།
ཡབ་སྲས་བརྒྱུད་པར་བཅས་པས་ཤེས་པ་སྩོལ།།

མཁར་སྐོར་དགོན་པའི་མིང་ཆ་ཚང་ལ་མཁར་སྐོར་དགོན་ཐུབ་བསྟན་བཤད་སྒྲུབ་འཕེལ་རྒྱས་གླིང་ཟེར་ཞིང་། བོད་བརྒྱུད་ནང་བསྟན་གྱི་རྙིང་མ་བའི་དགོན་པ་ཡིན། རྨ་སྟོད་རྫོང་མཛོ་རྭ་གྲོང་རྡལ་གྱི་མདུང་རྩེ་སྡེ་བའི་ནུབ་ཕྱོགས་སུ་སྤྱི་ལེ༣གྱི་མཚམས་སུ་ཆགས་ཡོད་པ་དང་། རྨ་སྟོད་རྫོང་མཁར་དང་བར་ཐག་སྤྱི་ལེ༨༣ཡོད།
སྤྱི་ལོ༡༩༣༠ལོར་གཏོ་རི་བླ་མས་ཕྱག་འདེབས་མཛད་པ་དང་། ༡༩༨༤ལོར་སྤྲུལ་སྐུ་ཐང་རིས་ཀྱིས་རྒྱ་བསྐྱེད་མཛད། ལོ་རྒྱུས་སྟེང་དགོན་པར་བླ་སྤྲུལ༥དང་། དགེ་འདུན་པ༡༢༠ལྷག་བཞུགས་མྱོང་ལ།ད་ལྟ་བླ་སྤྲུལ༢དང་། དགེ་འདུན་པ༡༡༢བཞུགས་ཡོད། དགོན་བདག་བླ་མ་ནི་སྤྲུལ་བསྟན་ནོར་ཚང་ཡིན། ལྷ་སྡེ་གཙོ་བོ་ནི་རྨ་སྟོད་རྫོང་གི་མཛོ་རྭ་གྲོང་རྡལ་གྱི་རི་ཕྱོར་སྡེ་བ། མཚོ་རུག་སྡེ་བ། མདུང་རྩེ་སྡེ་བ་བཅས་སུ་ཁྱབ་ཡོད་ཅིང་། དད་ལྡན་མང་ཚོགས་ཧ་ལམ་མི་གྲངས༣༠༠༠ཡོད།
དགོན་པའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི༨.༢༢དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༤༥༨༠ཡོད། ལྷ་ཁང་གཙོ་བོར་ཚོགས་ཆེན་ལྷ་ཁང་། སེང་འབྲུག་སྟག་རྩེའི་ལྷ་ཁང་བཅས་ཡོད། རྟེན་གྱི་གཙོ་བོར་གུ་རུའི་སྐུ་འདྲ། གཏོ་རི་བླ་མའི་ཆོས་གོས་སོགས་བཞུགས་ཡོད། སྲོལ་རྒྱུན་གྱི་ཆོས་ཐོག་གཙོ་བོར་བོད་ཟླ༥བ་ལ་བཟང་སྤྱོད་སྨོན་ལམ། བོད་ཟླ༦པ་ལ་གེ་སར་འཆམ། བོད་ཟླ༦པ་ལ་དབྱར་གནས། བོད་ཟླ༡༠བ་ལ་མ་ཎི་ཞག་བརྒྱ། བོད་ཟླ༡༠བ་ལ་བདེ་ཆེན་ཞིང་སྒྲུབ་སོགས་ཡོད།
༢༠༡༦ལོའི་ཟླ༢པར་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་འཆམ་མཐུན་དགོན་སྡེའི་མཚན་སྙན་གནང་།
༢༠༢༡ལོའི་ཟླ༡༠བར་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གཉིས་ཀྱིས་འཆམ་མཐུན། ལྗང་མདོག མཛེས་སྡུག བདེ་ཐང་གི་དགོན་སྡེའི་གཟི་བརྗིད་མཚན་སྙན་གནང་སོགས་ཡོད།།
Copyright © 2023 卡科寺 All Rights Reserved.
Copyright © 2021 longshijiasi.cn All Rights Reserved.

青公安网备 63262302000002号
青ICP备19000774号-1
云计算支持 反馈 枢纽云管理